Wednesday, July 4, 2012

If I am world'best foot baller

༼འཛམ་གླིང་ནང་རྐང་རིལ་རྩེད་མི་དྲག་ཤོས་ཅིག་ཨིན་པ་ཅིན།༽

       ང་བཅས་རང་ འཛམ་གླིང་འདི་ནང་སྐྱེས་པའི་མི་ཚུ་ རང་སོའི་ཚེ་སྔོན་གྱི་བསོད་ནམས་དང་ ད་ལྟོ་རང་སོའི་རིག་རྩལ་དང་ ལྕོགས་གྲུབ་ལས་བརྟེན་ཏེ་ རང་གི་རང་ལངམ་འབད་སྡོད་ཚུགསཔ་ཨིན། འཛམ་གླིང་ནང་མི་ལ་ལུ་ཅིག་ ཞབས་བྲོ་འཐོན་ ལ་ལུ་ཅིག་རྩོདམོ་གྱི་རིགས་ ལ་ལུ་ཅིག་ལཱ་ག་ཅི་རང་འབད་རུང་ འཇོན་ཐངས་ཡོདཔ་ལས་ འཛམ་གླིང་འདི་ནང་ལུ་ཡོངས་གྲགས་འཐོན་ཏེ་ཡོདཔ་ཨིན། འདི་བཟུམ་འབད་ མི་རང་ཡང་རྐང་རིལ་རྩེད་མི་འཛམ་གླིང་ནང་ལུ་ དྲག་ཤོས་ཅིག་ཨིན་པ་ཅིན
ང་གིས་དང་པ་རང་ཕྱིའི་རྒྱལ་ཁབ་ཨིང་ལེནཌ་གི་ས་གནས་ མེན་ཅིས་ཀྲར་གྱི་ རྐང་རིལ་སྡེ་ཚན་ནང་ལུ་ རྐང་རིལ་རྩེད་དེ་ཡོངས་གྲགས་ཐོན་ནི་ཨིན། འཛམ་གླིང་རྒྱལ་ཁབ་ནང་ རྐང་རིལ་རྩེད་མི་ཡོངས་དྲགས་ཅན་ གཞན་ཚུ་དང་གཅིག་ཁར་མཐུན་ལམ་བཟོ་སྟེ་ ཁོང་གི་རྒྱལ་ཁབ་ནང་ལས་ཕར་སོང་ཏེ་ རྐང་རིལ་རྩེད་ནི་ཨིན། འདིའི་སྐབས་ ང་གིས་གཞན་དང་མ་འདྲ་བའི་ ཁྱད་ཆོས་མ་འདྲཝ་འབད་བཏོན་ཏེ་ འཛམ་གླིང་ནང་གི་མི་ག་རང་ ང་ལུ་བལྟ་སྟེ་ ཡིད་ཆེས་བསྐྱེད་བཅུག་ནི་ཨིན།
རྐང་རིལ་རྩེད་བའི་སྐབས་ ང་གིས་ ཁྱེད་ཆོས་གཞན་དང་མ་འདྲཝ་ ག་དེ་འབད་རང་བཏོན་ནི་ཨིན་ན་ཟེར་བ་ཅིན་ དེ་ཡང་ ཆུ་ནང་གི་ཉ་བཟུམ་ ག་ཅི་གུ་ཡང་མ་ཐོག་པ་ ཁོང་གི་རྐངམ་གྱི་འོག་ལས་བཏོན་འབག་ནི་དང་ གནམ་ཁ་ལས་བྱ་བཟུམ་འབད་ ཁོང་གི་མགོ་ཏོག་གུ་ལས་མཆོངས་ཏེ་ བོལ་འདི་དོག་ཐལ་རྐྱབ་པའི་སྐབས་ སྐྲོབ་མདའ་བཟུམ་ག་གི་ཡང་བཟུང་མ་ཚུགསཔ་འབད་རྐྱབས་ཏེ་ སྐར་ཆ་རེ་རེ་ནང་ལུ་གོལ་རེ་རེ་བཙུགས་ནི་ཨིན།
འདི་མ་ཚད་ལོ་ལྟར་བཞིན་དུ་ ང་གིས་ རྐང་རྩེད་ཀྱི་འགྲན་བསྡུར་ནང་ལས་ གཱོལ་མངམ་འབད་བཙུགས་མི་གི་ རྟགས་མ་དང་ འཛམ་གླིང་ནང་རྐང་རྩེད་ རྩེད་མི་དྲག་ཤོས་ཀྱི་རྟགས་མ་ཡང་ང་གིས་ལེན་ནི་ཨིན། འཛམ་གླིང་གི་ རྐང་རིལ་རྟགས་མ་ནང་ལུ་ ང་བཅས་འབྲུག་རྒྱལ་ཁབ་ཡང་བཅའ་མར་གཏོག་ཚུགསཔ་འབད་བཟོ་ནི་ཨིན། བཅའ་མར་གཏོགས་མི་རྒྱལ་ཁབ་གཞན་ག་རང་ཕམ་བཏང་སྟེ་ རྒྱལ་ཁབ་དང་མི་སེར་ག་རང་ང་ལུ་ ངལ་རངས་དང་ཡིད་ཆེས་བསྐྱེད་ཚུགསཔ་བཟོ་ནི་ཨིན། ང་བཅས་རའི་རྒྱལ་ཁབ་ནང་དང་ འཛམ་གླིང་རྒྱལ་ཁབ་ཀྱི་མི་ག་རང་ ང་གིས་རྐང་རིལ་རྩེད་ཐངས་ལུ་བལྟ་སྟེ་སེམས་ཤོར་བཅུག་ནི་དང་ འཛམ་གླིང་རྒྱལ་ཁབ་ག་ཏེ་ལུ་ཡང་ ངེའི་སྐོར་ལས་བློ་ཚུ་འཐོན་ ངེའི་པར་ཚུ་ག་སྟེ་ལུ་ཡང་ཁྱབ་བཅུག་ནི་ཨིན། དེ་ལས་ངེ་གི་ཕམ་དང་སྤུན་ཆ་ཚུ་ཡང་དཔའ་ཉམས་བསྐྱེད་དེ་མིའི་སྦུག་ལུ་བཟང་ལམ་ལམ་འབད་སྡོད་ཚུགསཔ་བཟོ་ནི་ཨིན། དེ་ནང་དུ་ཉིད་ལས་ཡང་ང་བཅས་རའི་མི་དབང་མངའ་བདག་རྒྱལ་པོ་མཆོག་ཡང་ང་གི་རྐང་རིལ་རྩེད་དེ་རྒྱལ་ཁབ་ཀྱི་མིང་གཏམ་བཏོན་མི་དང་རྐང་རིལ་རྩེད་ཐངས་ལུ་གཟིགས་སྟེ་ང་ལུ་གཟེངས་བསྟོད་ཀྱི་གསལ་རས་ཚུ་གནང་བཅུག་ནི་ཨིན།
གཞན་ཡང་ང་གི་ རྐང་རིལ་འདི་ལས་ཐོབ་མི་ཏི་རུ་ཚུ་ ང་བཅས་རའི་རྒྱལ་ཁབ་ནང་གི་ རྫོང་གཞིས་ ལྷ་ཁང་དང་མཆོད་རྟེན་ཉམས་མི་ཚུ་ ཉམས་བཅོས་འབད་ནི་དང་ མི་ཉམས་ཆུང་དཀའ་ངལ་ཡོད་མི་ཚུ་ལུ་ཡང་ གྲོགས་རམ་འབད་ནི་ཨིན། ང་གིས་ རྐང་རིལ་རྩེད་བའི་སྐབས་དགེ་བའི་ལཱ་ཚུ་འབད་དེ་ ང་གིས་སྨོན་ལམ་ཡང་ ཚེ་ཕྱི་མ་ རྐང་རིལ་རྩེད་མི་ དྲག་ཤོས་ཅིག་ལུ་ལོག་སྐྱེས་བཅུག་ ང་གིས་ དུས་ད་རེས་བཟུམ་འབད་རང་ རྒྱལ་ཁབ་དང་མི་སེར་ཚུ་ལུ་ ཞབས་ཏོག་ཞུ་ནི་ཨིན་ཟེར་བའི་ ཁས་བླངས་འབད་ནི་ཨིན།